English    རྫོང་ཁ།

བདག་སྐྱོང་དང་དངུལ་རྩིས་ལས་ཚན།

བདག་སྐྱོང་དང་དངུལ་རྩིས་ལས་ཚན་འདི་ ལྷན་ཚོགས་ཀྱི་བདག་སྐྱོང་དང་དངུལ་རྩིས་ དེ་ལས་མི་སྟོབས་ཐོན་སྐྱེད་ཚུ་ འཛིན་སྐྱོང་གཏན་འཁེལ་གྱི་ ལཱ་འགན་འབག་དོ་ཡོདཔ་ཨིན། ལས་ཚན་འདི་གིས་གཞན་ལས་རིམ་སྡེ་ཚན་ཚུ་དང་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ ལས་རིམ་དང་ལས་སྣ་ཚུ་ ཕོ་མོའི་འདྲ་མཉམ་དང་ཨ་ལུའི་ཉེན་སྲུང་ལམ་ལུགས་ སྒྲིང་སྒྲིང་བཟོ་ཐབས་ལུ་དམིགས་ཏེ་ ལས་འགུལ་འཛིན་སྐྱོང་ གི་རྒྱབ་སྐྱོར་ཞབས་ཏོག་ཚུ་ ཕུལ་དོ་ཡོདཔ་ཨིན། དེ་མ་ཚད་ དགོས་མཁོ་དང་བསྟུན་ ལཱ་འགན་གཞན་ཡང་འབག་སྟེ་ ལཱ་འབད་དོ་ཡོདཔ་དང་ ལས་ཚན་འདི་ ནང་གསེས་ཞབས་ཏོག་ལས་ཚན་ ༤ ལུ་ དབྱེ་སྟེ་ཡོདཔ་ཨིན།

བདག་སྐྱོང་ཞབས་ཏོག་ལས་ཚན།

1 ལྷན་ཚོགས་ཀྱི་ཉིན་བསྟར་བདག་སྐྱོང་གི་ལཱ་ཚུ་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ཏེ་འབད་ནི།
2 སྣུམ་འཁོར་རྒྱུན་སྐྱོང་དང་ ལག་ལེན་གྱི་ ལཱ་འགན་འབག་ནི།
3 ཡིག་ཚང་གི་མཁོ་སྒྲུབ་ཞབས་ཏོག་ནང་ལུ་བཅའ་མར་གཏོགས་ནི།

དངུལ་རྩིས་ཞབས་ཏོག་ལས་ཚན།

1 ལྷན་ཚོགས་ཀྱི་ དངུལ་རྩིས་དང་འབྲེལ་བའི་ལས་རིམ་དང་རིམ་ལུགས་དེ་ལས་བྱ་སྒོའི་རིམ་པ་ཚུ་གོང་འཕེལ་དང་འགོ་འདྲེན་བསྟར་སྤྱོད་དང་ཡར་སྐྱེད་གཏང་ནི།
2 ཡིག་ཚང་ནང་གི་ཅ་ཆས་དང་ཞབས་ཏོག་དེ་ལས་ལཱ་གཡོག་ཚུ་མཁོ་སྒྲུབ་འབད་བའི་སྐབས་ལུ་རྒྱབ་སྐྱོར་འབད་ནི།

མི་སྟོབས་ཞབས་ཏོག་ལས་ཚན།

1 གསར་བཙུགས་དང་གདམ་འཐུ་གཡོག་གནས་དེ་ལས་ལས་བྱེདཔ་འགྲུལ་སྐྱོད་ལུ་གནོད་པའི་གཞན་མི་རང་དོན་བྱ་ལེན་གྱི་སྲིད་བྱུས་དང་བྱ་སྒོའི་རིམ་པ་ཚུ་བསྟར་སྤྱོད་འབད་ནི།
2 ལཱ་གཡོགཔ་གི་ རྒུད་འཐུས་དང་ ཁེ་ཕན་གནད་དོན་ཚུ་ འཛིན་སྐྱོང་འཐབ་ནི་དང་ མི་ངོམ་རེ་གི་ ཐོ་དེབ་བཞག་ནི།
3 ཆ་འཇོག་གྲུབ་པའི་ ལོ་བསྟར་བསྐྱར་ཞིབ་འཆར་གཞི་དང་འཁྲིལ་ཏེ་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་གཙོ་རིམ་བཟོ་སྟེ་ བསྟར་སྤྱོད་འབད་ནི།
4 སྡེ་ཚན་གཞན་མི་ཚུ་དང་མཉམ་འབྲེལ་ཐོག་ ལས་དོན་དང་ ལཱ་གཡོགཔ་འབད་ནི།
5 ཡོད་ཐོ་དང་སྒྲིགས་ཁྲིམས་ ངལ་གསོའི་ཆད་ཐོ་བསྐོ་བཞག་དང་གོ་གནས་ཡར་སེང་གནས་སོར་དང་གཞན་རང་རྐྱང་འགྲུལ་སྐྱོད་ཚུ་བདག་འཛིན་འཐབ་ནི།

བརྡ་དོན་འཕྲུལ་རིག་ཞབས་ཏོག།

1 སར་བཱར་(Server) དང་ ས་གནས་ཡོངས་འབྲེལ་ཚུ་ བདག་སྐྱོང་དང་ རྒྱུན་སྐྱོང་ དེ་ལས་ གོང་འཕེལ་གཏང་ནི།
2 གློག་རིག་རིམ་ལུགས་ཀྱི་བརྡ་དོན་ཚུ་ གོང་འཕེལ་དང་ བསྟར་སྤྱོད་ བསྐྱར་ཞིབ་འབད་ནི།
3 ཡིག་ཚང་ནང་ལུ་སྤྱིར་བཏང་གི་ གློག་རིག་དང་ཡོངས་འབྲེལ་ལ་སོགས་པའི་ཞབས་ཏོག་བྱིན་ནི
4 དགོས་མཁོ་ཆེ་བའི་ སྲ་ཆས་དང་ མཉེན་ཆས་ཚུ་ མཁོ་སྒྲུབ་འགོ་འདྲེན་འཐབ་ནི།
5 ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་འཛིན་སྐྱོང་དང་རྒྱུན་སྐྱོང་འབད་ནི།
6 ཡིག་ཚང་གི་ཡིག་ཆ་གྱི་བཀོད་རིས་དང་སྒྲིག་བཀོད་ཀྱི་ལཱ་ཚུ་འབད་ནི།

སྡེ་ཚན་འདི་གིས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ཀྱིས་ ལས་རིམ་ཚུ་ ཨམ་སྲུའི་དབང་ཆ་ཐོག་ལས་ གཟིགས་ཨིན།
སྡེ་ཚན་གྱི་འགན་ཁག་དང་འཁྲིད་ སྡེ་ཚན་འདི་ལུ་ རྒྱལ་སྤྱོད་དང་ལུག་ཕྱོགས་ཚུ་ནང་ དུས་མཐུན་སྙན་ཞུ་ཕུལ་ནི་ནང་ མཉམ་འབྲེལ་དང་ ལས་སྣ་ཚུ་ལྟ་རྟོགས་འབད་ནི་ཚུ་ཡང་ཚུབ་ཨིན། གཞན་ཡང་ སྡེ་ཚན་འདི་གིས་ ཨམ་སྲུའི་ཐོབ་དབང་སྲུང་སྐྱོབ་དང་ཐོབ་དབང་ འདི་ལས་ ཕོ་མོ་འདྲ་མཉམ་བཟོ་ཚུགས་པའི་ ལས་སྣ་ཚུ་བསྟར་སྤྱོད་འབདཝ་ཨིན། སྤྱི་ལོ་༢༠༠༤ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་གཞི་བཙུགས་འབད་བའི་ལོ་ལས་འགོ་བཟུམ་ འཛམ་གླིང་སྤྱི་ཚོགས་ལས་སྡེ་ དཔེ་ན་ UNDP, UNFPA and UN women ཚུ་འཕྲོ་མཐུད་རང་ གོང་འཕེལ་སྡོམ་རོགས་གཙོ་བ་གཅིག་འབད་རང་ཨིན།

ཨེ་ལི་ཨེན་གོང་འཕེལ་དངུལ་ཁང་གི་ སྤྱི་ལོ་༢༠༡༡ ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ དམིགས་བསེལ་གྱི་ དཔལ་འབྱོར་ཨམ་སྲུ་དབང་ཆ་ དང་ བུམ་ འདི་ལས་ གཞན་ འཛམ་གླིང་དངུལ་ཁང་གིས་ཡང་ ཕོ་མོ་འདྲ་མཉམ་སྲིན་འབྱུས་བརྩོམ་ནི་ནང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ཚོགས་ལུ་ གྲོགས་རམ་འབད་ཡོད།


འབྲུག་རྒྱལ་ཁབ་ནང་ ཨ་ལུ༌དང་འབྲེལ་བ་ཡོད་པའི་ ལས་སྣ་ཚུ་དབྱེ་ཞིབ་འབད་བཞིནམ་ལས་ དེ་དང་བསྟུན་ཏེ་ དབང་ཆ་ལྟ་རྟོག་འབད་ནི་དང་ ཁྱབ་སྤེལ་བཏང་ནི། དེ༌ལས༌ཉེན་སྲུང་འབད་ནི༌ཚུ༌ ཨ་ལུའི་སྡེ་ཚན་གྱི་འགན་འཁྲི་ངོ་མ་ཅིག་ཨིན།

སྡེ་ཚན་འདི་ཡང་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་དགོང་དོན་དང་ རྒྱལ་ཡོངས་ཀྱི་ཁྲིམས་ལུགས་གཞན་དང་འཁྲིལ་དོ་ཡོད་རུང་ དམིགས་བསལ་དུ་ ཨ་ལུ་གཅེས་སྐྱོང་དང་ཉེན་སྲུང་བཅའ་ཁྲིམས་༢༠༡༡་ཅན་གྱི་དོན་ཚན་སྟར་དུ་ ལམ་སྟོན་འབད་ཡོདཔ་ཨིན།

དེ་ལས་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་༼SAARC༽གི་ལྷན་འཛོམས་དང་ ལྷོ་ཨེ་ཤི་ནང་ལུ་ཨ་ལུའི་ཐོབ་དབང་ཚུ་གིས་སྐོར་ལས་ རྒྱལ་སྤྱིའི་དང་ལུང་ཕྱོགས་ཁག་གི་གནས་ཚད་ནང་ལུ་ཡང་ ལྷན་འཛོམས་ཚུ་ཚོགས་སྟེ་ ཨམ་སྲུ་དང་ཨ་ལུའི་སྨད་འཚོངམོ་གིས་དོན་ལུ་ནག་ཚོང་རྐྱབ་མི་ལ་སོགས་པའི་བྱ་ངན་བཀག་འཐབ་ལུ་ ཨ་ལུའི་ཕན་བདེ་ཚུ་ཡང་གྲ་སྒྲིག་རྐྱབ་ཡོདཔ་ཨིན།

ཨ་ལུའི་གནད་དོན་དང་འབྲེལ་བའི་ ཐོབ་དབང་དང་ དཀའ་ངལ་བསལ་ནི། དེ་ལས་ བསྟར་སྤྱོད་འབད་ནི་ལུ་ ཨ་ལུའི་སྡེ་ཚན་གྱིས་ འབྲུག་གི་འགག་སྡེ། གྲྭ་ཚང་ལྷན་ཚོགས། དེ་ལས་ གཞུང་དང་ མི་སྡེ་ལས་ཚོགས་ཚུ་དང་གཅིག་ཁར་མཉམ་རུབ་ཀྱི་ཐོག་ལས་ འགོ་ཁྲིད་འབདཝ་ཨིནམ་མ་ཚད་ཨ་ལུ་ཚུ་ལུ་རྩུབ་སྤྱོད་དང་ལོག་སྤྱོད་འབད་ཡོད་མི་ཚུ་ལུ་ཕན་བསླབ་ཆེ་བའི་བློབ་སྟོན་ཞབས་ཏོག་ཚུ་བྱིནམ་ཨིན།

ལས་རིམ་འདི་གཙོ་བོ་རང་ཡུ་ནི་སེབ་༼UNICEF)ཀྱི་རྒྱབ་སྐྱོར་འབད་ཡོད་པའི་ཁར་ སེབ་དཱ་ཅིལ་གྲཱན་(Save the Children) ཚུ་གི་ཁ་ཐུགས་ལས་ཡང་གྲོགས་རམ་མ་ཏུབ་སྦེ་ ཐོབ་ཡོད་པའི་ཁར་ ཨ་ལུ་ཚུ་ལུ་རྩུབ་སྤྱོད་མེདཔ་བཟོ་ནི་ལུ་ ལྷོ་ཨེ་ཤི་ཡ་རྩོལ་བསྒྲུབ་ཟེར(South Asia Initiative)་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་(SAARC)ལས་འགུལ་ཚུ་གི་གྲོགས་རམ་གནང་དོ་ཡོདཔ་ཨིན།


སྤྱི་ལོ་༢༠༡༢ ལུ་ཁྲིམས་ལྡན་འགོ་དཔོན་བསྐོར་བཞག་འབད་ཐོག་ གཞི་བཙུགས་འབད་ཡོད། ཁྲིམས་ལྡན་ཞབས་ཏོག་གི་ལས་འགན་ངོ་མ་རང:

ལས་ཚན་འདི་གིས་ ཨམ་སྲུ་དང་ཨ་ལོ་དང་འབྲེལ་བ་ཡོད་པའི་ཉོག་བཤད་དང་གདོང་ལེན་ཚུ་ངོས་ལེན་འབདཝ་ཨིན། ད་ལྟོ་ཚུན་ཚུད་ཐོ་བཀོད་འབད་འདི་ཡོད་པའི་ ཉོག་བཤད་མང་ཤོས་གཅིག་རང་ ཨམ་སྲུ་ལུ་རྩུབ་སྤྱོད་དང་ བཀའ་ངལ་གནས་སྟངས་ཐོག་ལུ་ཡོད་པའི་ཨམ་སྲུ་ དང་ གཞན་ཨ་ལོ་བཀའ་ངལ་གནས་སྟངས་ཐོག་ལུ་ཡོད་མི་དང་ ཁྲིམས་དང་རྒྱབ་འགལ་འགྱོ་མི་ཨ་ལོའི་ འདི་ལས་ཁྲིམས་ཀྱི་བསླབ་བྱ་དང་རྒྱབ་སྐྱོར་ལེན་པ་འོང་མི་ཚུ་ཨིན། ལས་ཚན་འདི་གིས་ཉོག་བཤད་བཀོད་ཡོད་མི་འདི་ལུ་ དཔལ་ལྡན་འབྲུག་པའི་ཁྲིམས་ལུགས་དང་འཁྲིལ་ རྒྱབ་སྐྱོར་དང་གྲོགས་རམ་ཚུ་འབད་བྱིནམ་ཨིན། འདི་གིས་ཡང་མ་ཚད་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ དཀའ་ངལ་བསལ་མ་ཚུ་མི་ཚུ་ གཞན་འབྲེལ་བ་ཡོད་པའི་ལས་ཚན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ཐོག་ལས་ བཀའ་ངལ་ཚུ་བསལཉ་ཨིན། ལས་ཚན་འདི་གིས་ ཐོ་བཀོད་འབད་འདི་ཡོད་པའི་ཉོག་བཤད་ཚུ་ རྟིང་བདའ་ཏེ་ལྟ་རྟོག་འབད་ཐོག་ལས་ རྐྱེན་ངན་བྱུང་མི་འདི་གི་གནས་སྟངས་ཚུ་ ལྟ་རྟོག་འབདཝ་ཨིན།

ལས་ཚན་འདི་གིས་ འབྲུག་གི་བུ་ཚབ་བཅའ་ཁྲིམས་༢༠༡༢ ཅན་མ་དང་འཁྲིལ་ ནང་འཁོད་བུ་ཚབ་སྤྲོད་ལེན་དང་རྒྱལ་ཁབ་གཞན་ལུ་བུ་ཚབ་སྤྲོད་ལེན་ ཞུ་ཡིག་ཚུ་བརྟག་ཞིབ་དང་རྒྱབ་སྐྱོར་ཚུ་འབདཝ་དགོ་མི་འདི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་རྐྱངམ་གཅིག་གིས་འབྲུག་པའི་ཨ་ལོ་ཚུ་བུ་ཚབ་སྤྲོད་ལེན་འབད་མཆོགཔ་ཨིན། འདི་ལས་གཞན་ཡང་ ལས་ཚན་འདི་གིས་ སྒྲིགས་གཞི་དང་ལམ་ལུགས་དང་འཁྲིལ་ བརྟག་ཞིབ་འབད་ཐོག་ལས་ འོས་འབབ་ཡོད་པའི་བུ་ཚབ་ལེན་འདོད་ཡོད་མི་ཕམ་ཚུ་ངོས་འཛིན་འབདཝ་ཨིན།

»  Home   Disclaimer   Downloads   Vacancy   Tender   Feedback
© 2013 National Commission for Women and Children.
Royal Government of Bhutan
Telephone #: +975 - 2 - 334549 / 334553
Fax #: +975 - 2 - 334709
website: www.ncwc.gov.bt